“叁仓”老宅
“叁仓”百年壁画和红色遗迹简介“叁仓”姓氏(直译为“桥家”),位于索县赞丹寺脚下雪村,是一座400余年历史的藏式土木结构独院老宅,共两层(分“姹清”“姹穹”),总面积950平方米。其家族源自安多“叁嵘六部牧村”,先祖叁·洛桑晋美南喀曾为多寺住持,赴京弘法获嘉庆皇帝“呼图克图”封号,事迹载于《安多政教史》,老宅现已有八代人在此生息。
老宅核心价值在于“百年壁画”与“红色遗迹”:“姹穹”曾为佛堂,留存19世纪前后苯教佛教故事壁画,图案精美、色彩丰富、肌理细腻,兼具历史与艺术价值;特殊历史时期,张连长、陆副连长带领部队在此驻扎近3个月,现存狙击点、地道体系(可容人挑物通行,连通索宗衙门与嘎加寺),是平定叛乱、保卫政权、传承红色基因的重要见证。
ཟམ་ཚང་གི་ལོ་བརྒྱའི་ལྡེབས་རིས་དང་གསར་བརྗེའི་རྗེས་ཤུལ་ནི་སོག་རྫོང་ཙན་དན་དགོན་པའི་འདབས་ཀྱི་ཞོལ་གྲོང་ཚོར་གནས་ཤིང་། དེ་ནི་ལོ་ངོ་༤༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ལུགས་ཀྱི་ས་ཤིང་ལས་གྲུབ་པའི་ཁང་རྙིང་ཞིག་ཡིན། ཁྱོན་ཐོག་བརྩེགས་གཉིས་ཡོད་ཅིང་ཁྲ་ཆེན་དང་ཁྲ་ཆུང་གཉིས་སུ་དབྱེ་ཡོད། (需核实) སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་༩༥༠ཟིན་ཞིང་། མི་ཚང་འདི་ནི་ཨ་མདོའི་ཟམ་རོབ་ཚོ་དྲུག་གི་འབྲོག་སྡེའི་ཁྱིམ་རྒྱུད་ནས་ཡིན་པ་དང་། མི་ཚང་དེའི་མེས་པོ་ཟམ་བློ་བཟང་འཇིགས་མེད་ནམ་མཁའ་ཡིས་དགོན་པ་མང་པོའི་མཁན་པོ་གནང་མྱོང་བ་མ་ཟད། པེ་ཅིན་དུ་ཆོས་གསུངས་བར་ཕེབས་པས་གོང་མ་ཅ་ཆིན་གྱིས་ཧོ་ཐོག་ཐུའི་ཆོ་ལོ་བསྩལ། ཁོང་གི་མཛད་རྗེས《མདོ་སྨད་ཆོས་འབྱུང་》དུ་འཁོད་ཡོད། ཁང་རྙིང་འདི་རུ་མི་རབས་བརྒྱད་འཚོ་བཞུགས་གནང་མྱོང་།
ཁང་རྙིང་འདིའི་རིན་ཐང་གཙོ་བོ་ནི་ལོ་བརྒྱའི་ལྡེབས་རིས་དང་གསར་བརྗེའི་རྗེས་ཤུལ་ཡིན་པ་དང་། སྔོན་མ་ཁྲ་ཆུང་ནི་མཆོད་ཁང་ཡིན་ཞིང་། དུས་རབས་༡༩ཡས་མས་ཀྱི་བོན་པོ་དང་ནང་བསྟན་ཆོས་ལུགས་ཀྱི་ལྡེབས་རིས་མཇལ་རྒྱུ་ཡོད། ལྡེབས་རིས་དེ་དག་ཚོན་མདངས་བཀྲ་ལ་གསོན་ཉམས་དོད་པས་ལོ་རྒྱུས་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན། དམིགས་བསལ་དུས་སྐབས་སུ། བརྒྱ་དཔོན་ཀྲང་ལགས་དང་བརྒྱ་དཔོན་གཞོན་པ་ལིའུ་ལགས་ཀྱིས་སྣེ་ཁྲིད་པའི་དམག་དཔུང་འདི་རུ་ཟླ་བ་༣ཙམ་བཅའ་སྡོད་གནང་མྱོང་བ་དང་། འཇབ་རྒོལ་ས་ཚིགས་དང་ས་འོག་ཕུག་ལམ(ཕུག་ལམ་ནང་དངོས་ཟོག་འཁྱེར་ནས་འགྲོ་འོང་བྱེད་རྒྱུ་ཡོད་ཅིང་། སྔོན་མའི་སོག་རྫོང་དང་ཀ་བརྒྱ་དགོན་ལ་ཤར་གཏོང་ཐུབ་ཀྱི་ཡོད)ད་ལྟ་མཐོང་རྒྱུ་ཡོད་པས། འདི་ནི་ཟིང་འཁྲུག་ཞི་འཇགས་དང་། སྲིད་དབང་སྲུང་སྐྱོབ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བཅས་ཀྱི་བདེན་དཔང་གལ་ཆེན་ཞིག་རེད།