索县体育公园
索县体育公园是当地居民休闲健身的重要场所,总占地面积约8500平方米,整体布局兼顾运动功能与生态景观,为群众提供多元化活动空间。
公园内运动设施完善,其中硬化地面面积达2800平方米左右,可满足散步、广场舞、简易球类活动等需求;配备一座150平方米的LED显示屏,常用于播放体育赛事、健康知识等内容,丰富市民文化生活。景观与服务设施同样齐全,园内绿化面积约3500平方米,各类绿植错落分布,营造出清新舒适的环境;设置11盏路灯,保障夜间游园安全;建有1间公共厕所,为游客提供便利服务;标志性的张拉膜阳光棚造型现代,既是遮雨避阳的休憩区,也是公园的视觉亮点之一。
此外,公园内矗立着一座体育主题石雕,雕刻融合跑步、球类等运动元素,生动展现体育精神,成为公园独特的文化符号,进一步提升了场所的人文氛围。

སོག་རྫོང་གི་ལུས་རྩལ་སྤྱི་གླིང་ནི་ས་གནས་དེ་གའི་གྲོང་མི་སྤྲོ་གསེང་དང་ལུས་སྦྱོང་བྱེད་པར་ཕེབས་སའི་གནས་གལ་ཆེན་ཞིག་ཡིན་པ་དང་། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་༨༥༠༠ཙམ་ཟིན་ཞིང་། ལུས་སྦྱོང་དང་སྐྱེ་ཁམས་མཛེས་ལྗོངས་ཀྱི་བཀོད་པ་མཉམ་དུ་འདུས་པའི་སྣ་མང་ཅན་གྱི་མང་ཚོགས་བྱེད་སྒོ་སྤེལ་ཡུལ་ཞིག་ཏུ་གྱུར་ཡོད།
སྤྱི་གླིང་ནང་ལུས་སྦྱོང་སྒྲིག་ཆས་ཆ་ཚང་བ་དང་། ས་ངོས་མཁྲེགས་སྒྱུར་རྒྱ་ཁྱོན་སྨི་གྲུ་བཞི་མ་༢༨༠༠ཡས་མས་ཟིན་པས། འཆམ་འཆམ་འགྲོ་བ་དང་། ཐང་ཆེན་ཞབས་བྲོ་འཁྲབ་པ། སྟབས་བདེའི་སྤོ་ལོའི་རིགས་རྩེ་བ་སོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་གང་ཞིག་LEDབརྙན་ཤེལ་སྨི་གྲུ་བཞི་མ་༡༥༠བྱས་པ་གཅིག་བསྒར་ནས་དུས་རྒྱུན་གྱི་ལུས་རྩལ་འགྲན་བསྡུར་དང་བདེ་ཐང་ཤེས་བྱ་སོགས་ཁྱབ་བསྒྲགས་བྱས་ཏེ། གྲོང་མི་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་གིན་ཡོད། ད་དུང་མཛེས་ལྗོངས་དང་ཞབས་ཞུའི་སྒྲིག་ཆས་ཆ་ཚང་ཡོད་པ་སྟེ། སྤྱི་གླིང་ནང་རྩྭ་རྩི་ཤིང་བཏབས་པའི་སྔོ་ལྗང་རྒྱ་ཁྱོན་སྨི་གྲུ་བཞི་མ་༣༥༠༠ཙམ་ཟིན་ཞིང་། རྩྭ་རྩི་ཤིང་གི་དྲི་བསང་གང་སར་འཐུལ་བས་ཁམས་གཙང་ལ་སྐྱིད་སྣང་དོད་པའི་གནས་ཅིག་ཏུ་གྱུར་ཡོད། དེ་དང་དུས་མཚུངས་སུ་ལམ་སྒྲོན་༡༡བསྒར་ཡོད་པས་མཚན་མོའི་དུས་སུ་མི་རྣམས་ལ་བདེ་འཇགས་ལྡན་པའི་ཚོར་བ་སྦྱིན་པ་དང་སྤྱི་པའི་གསང་སྤྱོད་གཅིག་བསྐྲུན་ཡོད་པས་མི་ཚོར་སྟབས་བདེ་སྐྲུན། མཚོན་རྟགས་རང་བཞིན་ལྡན་པའི་དེང་རབས་རྣམ་པའི་ཤེལ་ཁང་ནི་ཆར་པ་དང་ཉི་མ་གཡོལ་སའི་ངལ་གསོ་ཁུལ་ཞིག་ཡིན་ལ། སྤྱི་གླིང་གི་བཟོ་བཀོད་ཁྱད་ཆོས་ལྡན་ཤོས་ཤིག་ཀྱང་ཡིན།
སྤྱི་གླིང་ནང་ད་དུང་ལུས་རྩལ་བརྗོད་དོན་དུ་བྱས་པའི་རྡོ་བརྐོས་གཅིག་བཙུགས་ཡོད་པ་དང་། དེའི་ཐོག་རྒྱུག་ཤར་དང་སྤོ་ལོ་སོགས་ལུས་རྩལ་གྱི་ནང་དོན་མཚོན་པའི་རི་མོ་བརྐོས་ཡོད་པས་ལུས་རྩལ་གྱི་སྙིང་སྟོབས་མངོན་སུམ་མཚོན་པར་བྱས་ནས། སྤྱི་གླིང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་བ་དང་། མི་ཆོས་དང་མཐུན་པའི་སྤྱི་གླིང་རྣམ་པ་སྔར་བས་ལེགས་སུ་བཏང་ཡོད།