景区公告

索县烈士陵园

浏览浏览次数:10 时间发布时间:2026-03-26 17:38

索县烈士陵园隶属于县退役军人事务局管理,位于亚拉镇境内,距离县政府约1公里左右,陵园始建于1952年,当时仅有烈士的墓地,其余无任何设施、设备。陵园主要是为了纪念和缅怀修建317国道时牺牲的解放军战士、修路工人和平息叛乱时牺牲的革命战士,陵园内还安葬着因公牺牲的干部等共78名英烈的骨骸,其中包括28座无名英雄墓。索县烈士陵园在上级领导关心支持下,于2013年在原址上重建,投资近600万元,占地面积约为5000平方米,建设了纪念碑、展览厅、旱厕、管理房、大门、烈士碑等;2017年年底再次到位300万元烈士陵园维修资金,对烈士纪念碑3面加字、78座烈士墓(碑)维修、烈士墓主道(支道)翻新、纪念碑广场石板全部翻新、纪念碑四周扶手全部翻新、烈士墓四周空地全部绿化、装修陈列室、烈士陵园前面道路及挡墙进行维修等,为了使烈士陵园更具历史纪念意义和教育意义,纪念碑广场增加浮雕铭记革命烈士的壮举。

སོག་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་ནི་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུད་ཀྱིས་དོ་དམ་བྱེད་བཞིན་ཡོད་པ་དང་། གཡག་ལ་གྲོང་རྡལ་གྱི་ཁོངས་སུ་གནས་ཤིང་། རྫོང་སྲིད་གཞུང་དང་བར་ཐག་སྤྱི་ལེ་༡ཙམ་ཡོད། བང་སོ་ཁང་འདི་ཉིད་༡༩༥༢ལོར་བསྐྲུན་འགོ་བཙུགས་ཤིང་། སྐབས་དེར་སྔོན་གཤེགས་དཔའ་བོའི་བང་སོ་མ་གཏོགས་གཞན་པའི་བཟོ་བཀོད་དང་སྒྲིག་ཆས་གང་ཡང་མེད། བང་སོ་ཁང་འདི་གཙོ་བོ་རྒྱལ་ལམ་༣༡༧བསྐྲུན་སྐབས་རང་སྲོག་དོར་བའི་བཅིངས་འགྲོལ་དམག་མི་དང་། ལམ་བཟོ་བ། ཟིང་འཁྲུག་ཞི་འཇགས་ཁྲོད་རང་སྲོག་བློས་གཏོང་མཁན་གསར་བརྗེའི་དམག་མི་བཅས་ལ་མྱ་ངན་དང་རྗེས་དྲན་ཞུ་ཆེད་བསྐྲུན་པ་ཞིག་ཡིན་པ་དང་། བང་སོ་ཁང་དུ་ད་དུང་གཞུང་དོན་དུ་སྐུ་གཤེགས་པའི་ལས་བྱེད་པ་སོགས་དཔའ་བོ་༧༨ཀྱི་སྐུ་རུས་དུར་འཇུག་བྱས་ཡོད་ཅིང་།  དེའི་ནང་མིང་མེད་དཔའ་བོ་ཉེར་བརྒྱད་ཀྱི་བང་སོ་ཚུད་ཡོད།  སོག་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་འདི་གོང་རིམ་དབུ་ཁྲིད་ཀྱི་སེམས་ཁུར་དང་རྒྱབ་སྐྱོར་འོག་༢༠༡༣ལོར་སྒོར་ཁྲི་༦༠༠ཙམ་བཏང་ནས་ས་ཆ་འདི་གའི་ཐོག་བསྐྱར་བཞེངས་མཛད་པ་དང་།  རྒྱ་ཁྱོན་སྨི་གྲུ་བཞི་༥༠༠༠ཙམ་ཟིན་ཞིང་། དྲན་གསོའི་རྡོ་རིང་དང་། འགྲེམས་སྟོན་ཁང་། གསང་སྤྱོད། དོ་དམ་ཁང་། རྒྱལ་སྒོ།  སྔོན་གཤེགས་དཔའ་བོའི་རྡོ་རིང་སོགས་བསྐྲུན་ཡོད། ༢༠༡༧ལོའི་ལོ་མཇུག་ཏུ་སླར་ཡང་སྔོན་གཤེགས་དཔའ་བོའི་བང་སོ་ཉམས་གསོའི་མ་དངུལ་སྒོར་ཁྲི་༣༠༠འབྱོར་ནས། སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་ངོས་གསུམ་ལ་ཡི་གེ་བསྣན་པ་དང་། དཔའ་བོའི་བང་སོ་༧༨ཉམས་གསོ། བང་སོ་ཁང་གི་ལམ་ཆེན་ལམ་ཆུང་བསྐྱར་བཟོ།  དྲན་གསོའི་རྡོ་རིང་ཐང་ཆེན་གྱི་རྡོ་གཅལ་གསར་བརྗེས།  དྲན་གསོའི་རྡོ་རིང་མཐའ་འཁོར་གྱི་ལག་སྐྱོར་གསར་བརྗེས། བང་སོའི་མཐའ་འཁོར་གྱི་ས་སྟོང་ཡོངས་ལ་རྩྭ་བཏབ་པ། འགྲེམས་སྟོན་ཁང་མཛེས་བཟོ། བང་སོ་ཁང་མདུན་ཕྱོགས་ཀྱི་ལམ་དང་གྱང་ཉམས་གསོ་སོགས་བྱས་ཡོད། སྔོན་གཤེགས་དཔའ་བོའི་བང་སོ་ཁང་ལ་ལོ་རྒྱུས་དང་སློབ་གསོའི་དོན་སྙིང་སྔར་ལས་ལྷག་པ་ལྡན་པའི་ཆེད་དྲན་གསོའི་རྡོ་རིང་ཐང་ཆེན་དུ་འབུར་བརྐོས་བཟོས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་དྲན་གསོ་བྱེད་པ་མཚོན་ཡོད།