索县“雪”热巴舞
热巴舞是藏民最古老的民间舞蹈之一,公元十一世纪得到发展成为一门独立的舞蹈艺术。索县“雪·热巴”是热巴舞中的重要组成部份,最初于公元1232年传入索县,距今有近800年的历史,公元1668年“雪·热巴”成为最具有组织性的民间代表舞蹈。
“雪·热巴”是藏区铃鼓舞类民间歌舞,风格豪放粗犷、技巧高超。几百年来“雪·热巴”在演员们的共同努力下不断改进,舞蹈样式和节目日益丰富,包含了藏民族传统文化内涵,体现了卓越的歌舞艺术的创造才能,反映了藏文化开放融合的一面,在热巴舞中独树一帜。其道具服饰繁琐,有铃、鼓、面具等,演员均为男性,腰间系黑白牛毛花绳。表演时一人在侧敲大鼓,余人持铃鼓边跳边唱。传统节目共36种,融合了牧民舞旋律与热巴舞姿,说唱演绎传奇戏剧,持刀空翻是特色动作。2013年“雪·热巴”被列为自治区级非物质文化遗产名录,传承人为索县牧民索朗和索朗亚次等人。

རས་པ་ནི་བོད་མིའི་གནའ་བོའི་དམངས་ཁྲོད་བྲོ་གར་གྱི་གྲས་ཤིག་ཡིན་ཞིང་། སྤྱི་ལོའི་དུས་རབས་བཅུ་གཅིག་པའི་མཚམས་སུ་གོང་འཕེལ་གང་ལེགས་བྱུང་ནས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཞིག་ཏུ་གྱུར། སོག་རྫོང་གི་ཞོལ་རས་པ་ནི་རས་པའི་ཞབས་བྲོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ལོ་༡༢༣༢ལོར་སོག་རྫོང་དུ་ཐོག་མར་དར་ཁྱབ་བྱུང་བས་ད་བར་ལོ་༨༠༠ཙམ་གྱི་ལོ་རྒྱུས་ལྡན། སྤྱི་ལོ་༡༦༦༨ལོར་ཞོལ་རས་པ་འདི་ཉིད་སྒྲིག་འཛུགས་རང་བཞིན་ཆེ་ཤོས་ལྡན་པའི་དམངས་ཁྲོད་ཞབས་བྲོའི་དཔེ་མཚོན་ཞིག་ཏུ་གྱུར།
ཞོལ་རས་པ་ནི་བོད་ཁུལ་གྱི་རྔ་སྲིལ་བྲོའི་གྲས་སུ་གཏོགས་པའི་དམངས་ཁྲོད་རས་པའི་ཞབས་བྲོ་ཞིག་ཡིན་ཞིང་། ཉམས་འགྱུར་ལྡན་ལ་སྟངས་སྟབས་ཁྱད་དུ་འཕགས། ལོ་ངོ་བརྒྱ་ཕྲག་དུ་མའི་ཞོལ་རས་པ་འཁྲབ་སྟོན་པ་ཚོས་ཐུན་མོང་འབད་བརྩོན་དང་བསྒྱུར་བཅོས་རབ་དང་རིམ་པ་གནང་བ་བརྒྱུད། སྟངས་སྟབས་དང་ལེ་ཚན་ནང་དོན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པས། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། སྒྱུ་རྩལ་གསར་གཏོད་ཀྱི་རྩེར་སོན་ནུས་པ། རིག་གནས་ཀྱི་སྒོ་དབྱེ་དང་མཉམ་འདྲེས་རྣམ་པ་བཅས་མངོན་ཐུབ་ནས་རས་པའི་གནས་བབ་གལ་ཆེན་བཟུང་ཡོད། རས་པའི་འཁྲབ་ཆས་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། དྲིལ་བུ་དང་། རྔ། འབག་སོགས་ཡོད་པ་དང་། འཁྲབ་མཁན་སྐྱེས་པ་རྐྱང་རྐྱང་ཡིན་ཞིང་འཁྲབ་སྟོན་བྱེད་སྐབས་སྐེད་པར་ཐག་ཁྲ་རྩིད་པ་དོ་རལ་བཅིངས་པ་དང་འཁྲབ་མཁན་མི་གཅིག་གིས་ཟུར་དུ་རྔ་རྡུང་བ་དང་། འཁྲབ་མཁན་གཞན་དག་ཚོས་རྔ་དྲིལ་བཟུང་ནས་ཞབས་བྲོ་འཁྲབ་གིན་གླུ་དབྱངས་ལེན་པར་བྱེད། སྲོལ་རྒྱུན་གྱི་འཆམ་སྣ་༣༦ཡོད་ཅིང་། འབྲོག་བྲོའི་འགྱུར་ཁུག་དང་རས་པའི་ཉམས་སྣང་གཅིག་ཏུ་འདུས་ནས་ངོ་མཚར་ཆེ་བའི་འཁྲབ་ཚན་མང་པོ་འཁྲབ་སྟོན་བྱེད་ཅིང་། རལ་གྲི་བཟུང་ནས་མགོ་རྟིང་གཉིས་སློག་གིས་འཁྲབ་སྟོན་བྱེད་རྒྱུ་ནི་ཞོལ་རས་པའི་འཁྲབ་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡིན། ༢༠༡༣ལོར་ཞོལ་རས་པ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་ཚུད་པ་དང་། རྒྱུན་འཛིན་པ་ནི་སོག་རྫོང་གི་མང་ཚོགས་བསོད་ནམས་དང་བསོད་ནམས་ཡར་ཚེས་སོགས་ཡིན།