索县爱国主义历史纪念馆
索县爱国主义历史纪念馆于2018年开始筹建并破土动工,同时进行了建成布展。建筑面积794.84平方米,室内面积为760平方米,布展面积670.7平方米,展线长度260米。纪念馆共三层分四个部分11个专栏组成,其中西藏历史占80%,索县历史占20%。纪念馆的一层设报告厅和序厅,序厅正面的“民族大团结”大型浮雕和通过图片、视频、实物等多种形式陈述了第一部分:“西藏自古以来就是祖国不可分割的一部分”等内容;纪念馆二、三楼展厅设有“封建农奴制度统治下的旧西藏”和“西藏的民主改革与社会制度跨越”及“特殊关怀 辉煌成就”三个部分,展现了中国共产党带领西藏各族人民奋勇直前,从胜利走向胜利的昂扬风貌,和体现了索县人民的美好愿望和寄托。同时于2021年被评为西藏自治区级爱国主义教育基地、2021年被评为西藏自治区民族团结进步教育基地、2022年被评为那曲市民族团结进步教育基地、2022年评为县级国防教育基地。从2021年7月1日开馆至今,共计接待周边兄弟县和我县干部职工、农牧民群众、学校学生、寺庙僧尼等16500余人次。
སོག་རྫོང་གི་རྒྱལ་གཅེས་རིང་ལུགས་ཀྱི་ལོ་རྒྱུས་དྲན་གསོ་ཁང་ནི་༢༠༡༨ལོར་བསྐྲུན་འགོ་བཙུགས། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་༧༩༤.༨༤དང་། ནང་ཁུལ་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་༧༦༠ འགྲེམས་སྟོན་ཁུལ་རྒྱ་ཁྱོན་སྨི་གྲུ་བཞི་༦༧༠.༧ འགྲེམས་སྟོན་ཁུལ་རིང་ཚད་སྨི་༢༦༠བཅས་ཟིན་ཡོད། དྲན་གསོ་ཁང་ལ་ཁྱོན་ཐོག་བརྩེགས་གསུམ་ཡོད་ཅིང་། ནང་དོན་ཁག་བཞི་དང་ཆེད་ཚན་༡༡ལས་གྲུབ་ཡོད། དེའི་ནང་བོད་ཀྱི་ལོ་རྒྱུས་ནང་དོན་ཀྱིས་༨༠%དང་། སོག་རྫོང་གི་ལོ་རྒྱུས་ནང་དོན་ཀྱིས་༢༠%བཟུང་ཡོད། དྲན་གསོ་ཁང་གི་ཐོག་བརྩེགས་དང་པོ་ནི་སྙན་སེང་ཞུ་ཁང་དང་གྲབས་ཚོམས་ཡིན་ཞིང་། གྲབས་ཚོམས་ཀྱི་མདུན་ངོས་སུ་མི་རིགས་མཐུན་སྒྲིལ་ཆེན་མོ་ཞེས་པའི་འབུར་བརྐོས་ཆེ་གྲས་དང་། པར་རིས་དང་བརྙན་ལམ། དངོས་པོ་སོགས་བརྒྱུད་ནས་ཁག་དང་པོའི་ནང་དོན་ཏེ་བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་སོགས་གསལ་བཤད་བྱས་ཡོད། དྲན་གསོ་ཁང་གི་ཐོག་བརྩེགས་གཉིས་པ་དང་གསུམ་པའི་འགྲེམས་ཁང་དུ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དབང་བསྒྱུར་འོག་གི་བོད་རྙིང་པ་དང་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་དང་སྤྱི་ཚོགས་ཀྱི་ལམ་ལུགས་མཆོང་སྐྱོད། དེ་བཞིན་དམིགས་བསལ་གྱི་ཐུགས་ཁུར་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཅས་ཁག་གསུམ་གྱི་ནང་དོན་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་གིས་བོད་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་དཔའ་སྟོབས་མཚོན་པར་བྱས་པ་མ་ཟད། སོག་རྫོང་མི་དམངས་ཀྱི་རེ་སྨོན་མངོན་ཡོད། རང་རྫོང་གི་རྒྱལ་གཅེས་རིང་ལུགས་ཀྱི་ལོ་རྒྱུས་དྲན་གསོ་ཁང་འདི་ཉིད་༢༠༢༡ལོར་བོད་རང་སྐྱོང་ལྗོངས་རིམ་པའི་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི་དང་། ༢༠༢༡ལོར་བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི། ༢༠༢༢ལོར་ནག་ཆུ་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞི། ༢༠༢༢ལོར་རྫོང་རིམ་པའི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་བཅས་ལ་བདམས་ཐོན་བྱུང་བ་དང་། ༢༠༢༡ལོའི་ཟླ་༧ཚེས་༡ཉིན་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་ནས་བཟུང་། མཐའ་འཁོར་རྫོང་དང་རང་རྫོང་གི་ལས་བྱེད་དང་། ལས་བཟོ། ཞིང་འབྲོག་མང་ཚོགས། སློབ་མ། གྲྭ་བཙུན་སོགས་མི་ཐེངས་༡༦༥༠༠ལྷག་ལ་སྣེ་ལེན་བྱས་ཡོད།
