索宗旧址
该遗址位于索县亚拉镇一居委会,始建于公元1890年。受历史变迁影响,部分附属建筑已拆除,现建筑为土木结构,占地面积502平方米,共两层7间房,分别承担粮库、牢房、会议室、接待室、卧室、厨房等功能。2014年被列入县级重点文物保护单位。
地方建制上,清雍正六年(公元1728年)派驻藏大臣后,索县三大部落由驻藏大臣直接管理。1916年,噶厦政府接管热嘎索三个部落并设索宗。1950年昌都解放,索县随之解放,同年成立索宗解放委员会。1956年10月,索宗党委成立,隶属于昌都分工委丁青中心县委,1957年7月撤销。1959年5月,索宗改设索县;7月成立索县委员会,8月成立索县人民政府。1959年,索县行政区划调整为黑河工委管理。
该遗址距今有一个半世纪的历史,这座不起眼的建筑里,却发生过很多铭记史册的重大事件,成立了索宗解放委员会、索县委员会、索县人民政府,是索县改革发展与经济社会进步的重要见证。
གནས་ཤུལ་འདི་ནི་སོག་རྫོང་གཡག་ལ་གྲོང་རྡལ་གྱི་གྲོང་ལྷན་དང་པོར་གནས་ཤིང་། སྤྱི་ལོ་༡༨༩༠ལོར་སྐྲུན། ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་ཞོར་གཏོགས་ཀྱི་འཛུགས་སྐྲུན་ཁག་ཅིག་བཤིག་ཟིན་པ་དང་ད་ལྟའི་འཛུགས་སྐྲུན་ནི་ས་ཤིང་ལས་གྲུབ་ཅིང་། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་༥༠༢ཡོད། གནས་ཤུལ་འདིར་ཁྱོན་ཐོག་བརྩེགས་གཉིས་དང་ཁང་པ་༧ཡོད་པ་ནི་འབྲུ་མཛོད་དང་། བཙོན་ཁང་། ཚོགས་ཁང་། སྣེ་ལེན་ཁང་། ཉལ་ཁང་། ཐབ་ཚང་སོགས་ཡིན། གནས་ཤུལ་འདི་༢༠༡༤ལོར་རྫོང་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་མིང་ཐོའི་ནང་ཚུད།
ས་གནས་ཀྱི་སྒྲིག་གཞི་འཛུགས་སྐྱོང་ཐད། ཆིང་རྒྱལ་རབས་ཀྱི་ཡུང་ཀྲེང་ཁྲི་ལོ་དྲུག་པ་སྟེ། སྤྱི་ལོ་༡༧༢༨ལོར་བོད་བཞུགས་ཨམ་བན་བཅའ་སྡོད་བྱས་པའི་རྗེས། སོག་རྫོང་གི་ཚོ་བ་ཆེན་པོ་གསུམ་པོ་བོད་བཞུགས་ཨམ་བན་གྱིས་ཐད་ཀར་དོ་དམ་བྱས་པ་དང་། ༡༩༡༦ལོར་བཀའ་ཤག་སྲིད་གཞུང་གིས་རེ་དཀར་སོག་གསུམ་ཐད་ཀར་དོ་དམ་དང་སྦྲགས་སོག་རྫོང་བཙུགས། ༡༩༥༠ལོར་ཆབ་མདོ་བཅིངས་འགྲོལ་ཐོབ་པ་དང་མཉམ་དུ་སོག་རྫོང་བཅིངས་འགྲོལ་ཐོབ་ནས། ལོ་དེར་སོག་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དབུ་བརྙེས། ༡༩༥༦ལོའི་ཟླ་༡༠པར། སོག་རྫོང་ཏང་ཨུད་དབུ་བརྙེས་པ་དང་ཆབ་མདོ་ཡན་ལག་ལས་དོན་ཨུ་ལྷན་སྟེང་ཆེན་ལྟེ་བའི་རྫོང་ཨུད་ཁོངས་སུ་གཏོགས། ༡༩༥༧ལོའི་ཟླ་༧པར་སོག་རྫོང་ཏང་ཨུད་མེད་པ་བཟོས་པ་དང་། ༡༩༥༩ལོའི་ཟླ་༥པར་ད་ལྟའི་སོག་རྫོང་དུ་བསྒྱུར་ཞིང་ལོ་དེའི་ཟླ་༧པར་སོག་རྫོང་ཨུ་ཡོན་ལྷན་ཁང་དབུ་བརྙེས་པ་དང་ཟླ་༨པར་སོག་རྫོང་མི་དམངས་སྲིད་གཞུང་དབུ་བརྙེས། ༡༩༥༩ལོར་སོག་རྫོང་གི་སྲིད་འཛིན་ས་ཁོངས་ནག་ཆུ་ལས་དོན་ཨུ་ལྷན་གྱིས་དོ་དམ་བྱེད་པར་ལེགས་སྒྲིག་བྱས།
གནས་ཤུལ་འདིར་ད་བར་དུས་རབས་གཅིག་དང་ཕྱེད་ཀ་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། ཕར་བལྟས་ན་ཁང་ཆུང་དཀྱུས་མ་ཞིག་ཡིན་ཡང་དེའི་ནང་ལོ་རྒྱུས་ཀྱི་དོན་དག་གལ་ཆེན་མང་པོ་ཐོན་པ་སྟེ། སོག་རྫོང་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་། སོག་རྫོང་ཨུ་ཡོན་ལྷན་ཁང་། སོག་རྫོང་མི་དམངས་སྲིད་གཞུང་བཅས་དབུ་བརྙེས་ཡོད། གནས་ཤུལ་འདི་ནི་སོག་རྫོང་གི་བསྒྱུར་བཅོས་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་འབྱོར་ཡར་ཐོན་གྱི་བདེན་དཔང་གལ་ཆེན་ཞིག་ཡིན།