景区公告

索县赞丹寺

浏览浏览次数:20 时间发布时间:2026-06-29 16:29

赞丹寺,该寺依山而建,全称“索·甘丹培杰林”,相传是格萨尔王妃子珠牡的出生地,赞丹寺的红宫是加洛顿巴尖参的六宫之首,珠牡王妃出生时此地长出了一颗檀树  (藏语译为赞丹),后来人们将该檀树用来作为寺庙主殿的柱子,因而寺庙得名为赞丹寺。公元1232年由噶玛噶举派祖师第一世大宝法王嘎玛巴堆松钦巴弟子觉沃岗嘎创建,公元1668年由五世达赖喇嘛阿旺洛桑嘉措改奉格鲁派。

 赞丹寺海拔4100米,整个寺庙依山而建,气势雄伟壮观,主体由红宫、白宫两个建筑群构成,形态酷似布达拉宫,又被誉为“小布达拉宫”。是藏北地区最早的黄教寺庙,也是藏北规模最大最具特色的佛教建筑群,传说是格萨尔王妃森江·珠牡的出生地,主供佛为“帕巴洛迦夏日”。寺内珍藏大量的佛像、壁画、藏经印册等,具有很高的文物价值和艺术价值。赞丹寺“羌姆”“堆绣唐卡”“格鲁派音乐”“嘎玛嘎赤唐卡”被列入西藏自治区非物质文化遗产名录,是自治区重点文物保护单位。

ཙན་དན་དགོན་ནི་རི་སྟེང་དུ་ཆགས་ཤིང་། མཚན་རྒྱས་པར་སོག་དགའ་ལྡན་འཕེལ་རྒྱས་གླིང་ཟེར། ངག་རྒྱུན་དུ་ཙན་དན་དགོན་ནི་གླིང་གེ་སར་རྒྱལ་པོའི་བཙུན་མོ་སེང་ལྕམ་འབྲུག་མོའི་འཁྲུངས་ཡུལ་དང་། དགོན་པའི་ཕོ་བྲང་དམར་པོ་ནི་སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་རྫོང་དྲུག་གི་ཡ་གྱལ་ཡིན་ཟེར་སྲོལ་ཡོད་ཅིང་། སེང་ལྕམ་འབྲུག་མོ་འཁྲུངས་བའི་དུས་ལྟེ་ཁྲག་འཕོས་མལ་དུ་ཙན་དན་གྱི་སྡོང་པོ་ཞིག་སྐྱེས་པ་དང་རྗེས་སུ་དགོན་པ་བཞེངས་པའི་སྐབས་སུ་ཙན་དན་གྱི་སྡོང་པོ་དེ་དགོན་པའི་འདུ་ཁང་གི་ཀ་བ་བྱས་པས་ཙན་དན་དགོན་ཞེས་མིང་ཐོགས་པའི་ཤོད་སྲོལ་ཡང་ཡོད། དེ་ཡང་སྤྱི་ལོ་༡༢༣༢ལོར་ཙན་དན་དགོན་འདི་ཉིད་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པའི་བུ་སློབ་ཇོ་བོ་གངས་དཀར་བས་ཕྱག་བཏབ་གནང་བ་དང་།   སྤྱི་ལོ་༡༦༦༨ལོར་རྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་གྲུབ་མཐའ་དགེ་ལུགས་པར་བསྒྱུར་གནང་མཛད། 

ཙན་དན་དགོན་གྱི་ས་བབ་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་༤༡༠༠ཡོད་ཅིང་། རི་སྟེང་དུ་ཆགས་པས་བརྗིད་ཉམས་ལྷག་པར་ཆེ། དགོན་འདི་ཉིད་གཙོ་བོ་ཕོ་བྲང་དམར་པོ་དང་ཕོ་བྲང་དཀར་པོ་གཉིས་ལས་གྲུབ་ཅིང་། བཟོ་བཀོད་ཐད་ཕོ་བྲང་པོ་ཏ་ལ་དང་འདྲ་བས་ཕོ་བྲང་པོ་ཏ་ལ་ཆུང་བ་ཞེས་ཀྱང་གྲགས། ཙན་དན་དགོན་ནི་བོད་བྱང་ཐང་ཁུལ་གྱི་དགེ་ལུགས་པའི་དགོན་པ་སྔ་ཤོས་དེ་ཡིན་པ་མ་ཟད། བོད་བྱང་ཐང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཁྱད་ཆོས་ལྡན་ཆེ་ཤོས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཨར་སྐྲུན་ཚོ་ཞིག་ཀྱང་རེད།  དགོན་པའི་རྟེན་གཙོ་བོ་ནི་འཕགས་པ་ལོ་ཀེ་ཤྭ་ར་ཡིན་པ་དང་། དགོན་པའི་ནང་ལྷ་སྐུ་དང་ལྡེབས་རིས།    གསུང་རབས་སོགས་རིག་དངོས་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པའི་རིག་དངོས་འབོར་ཆེན་ཉར་ཚགས་བྱས་ཡོད། ཙན་དན་དགོན་གྱི་འཆམ་དང་ལྷན་འདེབས་ཐང་ག །དགེ་ལུགས་པའི་རོལ་དབྱངས། ཀརྨ་སྒར་བྲིས་ཐང་ག་བཅས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་ཚུད་པ་མ་ཟད། དགོན་འདི་ཉིད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཡིན།